ཞའོ་མཱི་བཀོལ་སྤྱོད་མ་ལག་གི་སྤྱོད་མཁན་གྱི་གྲོས་མཐུན།

ཞའོ་མཱི་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིས(འོག་ཏུ“ཞའོ་མཱི”ཞེས་འབོད)སྤྱོད་མཁན་རྣམས་ཀྱིས་ནན་ཏན་ངང《ཞའོ་མཱི་བཀོལ་སྤྱོད་མ་ལག་སྤྱོད་མཁན་གྲོས་མཐུན》(འོག་ཏུ“གྲོས་མཐུན་འདི”ཞེས་སྤྱོད)ཀློག་པ་དང་གོ་བ་ལེན་རྒྱུའི་དྲན་སྐུལ་ཞུ། སྤྱོད་མཁན་ནས་ནན་ཏན་ངང་གྲོས་མཐུན་འདིའི་ནང་གི་དོན་ཚན་ཁག་བཀླགས་ནས་གསལ་པོར་མཁྱེན་པ་གནང་དགོས། ལྷག་པར་ཞའོ་མཱིའི་འགན་འཁྲི་དང་གནད་དོན་ཐག་གཅོད། གོ་ཆོད་ཁྲིམས་ལུགས་རྩིས་མེད་བཟོའམ་ཚོད་འཛིན་བྱ་རྒྱུ་དང་འབྲེལ་བའི་དོན་ཚན་ཁག་ལ་གཟིགས་དགོས། འགན་འཁྲི་རྩིས་མེད་དང་ཚོད་འཛིན་བྱ་རྒྱུའི་དོན་ཚན་ཁག་ཡི་གེ་ཇེ་ནག་ཏུ་བཏང་ཡོད་པས། སྤྱོད་མཁན་ནས་དོ་གལ་ཆེན་པོས་ཀློགས་དགོས།ཁྱེད་ནས་ཞིབ་ནན་ངང་བཀླགས་རྗེས་དོན་ཚན་འདི་ཉིད་དང་ལེན་བྱེད་མིན་འདེམས་དགོས།(ན་ཚོད་མ་སྨིན་པའི་བྱིས་པས་ཁྲིམས་མཐུན་ལྟ་སྐྱོང་མི་སྣའི་རོགས་རམ་འོག་ཀློགས་དགོས།)སྤྱོད་མཁན་ནས་ཞའོ་མཱི་སྒྲིག་ཆས་སམཞའོ་མཱི་བཀོལ་སྤྱོད་མ་ལག་Iབརྒྱུད་ཁོངས་ཐོག་གི་ཕབ་ལེན་མཉེན་ཆས་སྤྱོད་པ་ཙམ་གྱིས་གྲོས་མཐུན་འདིར་མོས་མཐུན་ཡོད་པ་མཚོན་ལ། གྲོས་མཐུན་འདིའི་ནང་གི་དོན་ཚན་ཚོད་འཛིན་དག་ལ་མོས་མཐུན་ཡོད་པ་མཚོན། གལ་ཏེ་སྤྱོད་མཁན་ནས་གྲོས་མཐུན་འདིར་མོས་མཐུན་མེད་ན། ཞའོ་མཱི་ཡི་སྒྲིག་ཆས་དང་། བརྒྱུད་ཁོངས། མཉེན་ཆས་གང་ཡང་སྤྱོད་མི་རུང་། ཞའོ་མཱིས་གྲོས་མཐུན་འདིར་བཟོ་བཅོས་བྱེད་པའི་དབང་ཆ་ཡོད། གསར་སྒྱུར་རྗེས་ཀྱི་གྲོས་མཐུན་དོན་ཚན་ནི་ཞའོ་མཱི་སྒྲིག་ཆས་དང་གཞུང་དྲའི་ཐོག་ཏུ་གསལ་བསྒྲགས་བྱེད་ངེས།

1. སྤྱིའི་རྩ་དོན།

1.1. ཞའོ་མིས་བཀོལ་སྤྱོད་མ་ལག(མ་ལག་ཞབས་ཞུ་དང་མཉེན་ཆས་ཚུད་པ་དང་།་ཞབས་ཞུ་ཁ་ཤས་དང་མཉེན་ཆས་རེའུ་མིག་ཟུར་བཀོད་དང་པོ)ནི་ཞའོ་མིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་གཏིང་ཟབ་པའི་གཏན་འཁེལ་བཀོལ་སྤྱོད་མ་ལག(དེའི་ནང་མ་ལག་དང་མ་ལག་སོགས་ཞའོ་མིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་གཏན་འཁེལ་བཀོལ་སྤྱོོད་རྒྱུད་ཁོངས་གཞན་དག་ཚུད་མེད།)

1.2. གྲོས་མཐུན་འདི་ནི་སྤྱོད་མཁན་དང་ཞའོ་མཱི་དེ་བཞིན་དེ་འབྲེལ་ཀུང་སི་དང་གཉེར་སྐྱོང་ཚན་པའི་(གཤམ་འོག་“མཉམ་ལས་ལས་ཁུངས་”ཞེས་འབོད་རྒྱུ)བར་སྤྱོད་མཁན་ནས་མཉེན་ཆས་འདི་(དོན་ཚན1.3)ཞབས་ཞུ་བར་བཞག་པའི་གྲོས་མཐུན་ཞིག་ཡིན།

1.3. མཉེན་ཆས་འདི་དང་ཞབས་ཞུ་ནི་ཞའོ་མཱིས་འདོན་སྤྲོད་བྱས་པའི་སྤོ་སྒུལ་སྣེའི་མཉེན་ཆས་དང་ཞབས་ཞུ་ཡིན། དེའི་ནང་དེ་དག་ཚུད་ཡོད།:

1.3.1. ཞའོ་མཱི་སྒྲིག་ཆས་དང་མཉམ་དུ་སྤྱོད་མཁན་ལ་འདོན་སྤྲོད་བྱས་པའི་ཞའོ་མཱི་བཀོལ་སྤྱོད་མ་ལག་སྟེ། ཞའོ་མཱི་སྒྲིག་ཆས་སྟེང་ཉར་ཚགས་བྱས་པའི་ཚབ་ཨང་དང་ནང་འཇུག་གཟུགས་ཀྱི་མཉེན་ཆས། ཡིག་ཚགས། ཤོག་ངོས། ཡིག་གཟུགས་དང་ཞའོ་མཱི་ནས་ཆོག་མཆན་སྤྲད་དེ་པར་གཞི་བདག་དབང་སྲུང་སྐྱོང་ཐོབ་པའི་གཞི་གྲངས།

1.3.2. གོང་བརྗོད་དོན་ཚན་ནང་དུ་གསལ་བའི་མཉེན་ཆས་ཀྱི་གསར་བསྒྱུར་དང་རིམ་སྤར་པར་གཞི།

1.3.3. སྤྱི་སྤྱོད་རང་བཞིན་གྱི་མཉེན་ཆས། ཞའོ་མཱི་སྒྲིག་ཆས་ཁྲོད་ཕྱོགས་གསུམ་པའི་པར་གཞི་བདག་དབང་གི་སྲུང་སྐྱོང་ཐོབ་ཅིང་ཕྱོགས་གསུམ་པས་སྤྱི་སྤྱོད་དཔང་ཡིག་སྤྲད་པའི་མཉེན་ཆས་ཡོད་སྲིད། རིགས་འདིའི་སྤྱི་སྤྱོད་རང་བཞིན་མཉེན་ཆས་ཀྱིས་སྒྲིག་ཆས་ནང་གི་ཆོག་མཆན་དཔང་ཡིག་ཆ་འཕྲིན་བརྒྱུད་དེ་དབྱེ་འབྱེད་བྱེད་ཅིང་། ཆ་འཕྲིན་དེ་དག་གིས་བསྒྲིག་ལྷུ་ཁག་དང་འཚམ་པའི་སྤྱི་སྤྱོད་མཉེན་ཆས་ཀྱི་དཔང་ཡིག་གསལ་སྟོན་བྱེད། དེར་བརྟེན། སྤྱོད་མཁན་གྱིས་སྤྱི་སྤྱོད་རང་བཞིན་ལྡན་པའི་མཉེན་ཆས་དེ་དག་བེད་སྤྱད་སྐབས། སྤྱི་སྤྱོད་མཉེན་ཆས་སྤྱད་ཆོག་པའི་དཔང་ཡིག་གི་དོན་ཚན་དང་ཆ་རྐྱེན་གཉིས་དང་མཐུན་དགོས། གྲོས་མཐུན་འདིས་སྤྱོད་མཁན་གྱིས་མཉེན་ཆས་སྤྱད་ཆོག་པའི་དཔང་ཡིག་ཇི་བཞིན་ལོངས་སུ་སྤྱད་རྒྱུའི་ཁེེ་དབང་དང་འོས་འགན་ལ་གྱུར་བ་གཏོང་མི་སྲིད། གལ་ཏེ་གྲོས་མཐུན་དུ་འཁོད་པའི་ཆོག་མཆན་དཔང་ཡིག་དང་སྤྱི་སྤྱོད་ཆོག་པའི་དཔང་ཡིག་གཉིས་ནང་། སྤྱི་སྤྱོད་མཉེན་ཆས་གྱི་ནང་དོན་དང་འགལ་བའི་ཆ་ཡོད་ཚེ། སྤྱི་སྤྱོད་ཆོག་པའི་དཔང་ཡིག་གཞིར་འཛིན་དགོས།

1.4. སྤྱོད་མཁན་ནས་ཤེས་དགོས་པ་ལིག་ལ། ཞའོ་མཱི་ནས་སྤྱོད་མཁན་ལ་མཉེན་ཆས་འདི་དང་འབྲེལ་ཡོད་ཞབས་ཞུ་འདོན་སྤྲོད་བྱེད། དེ་ཕུད་མཉེན་ཆས་འདི་དང་ཞབས་ཞུ་འབྲེལ་ཡོད་ཀྱི་སྒྲིག་ཆས་ལ་དགོས་པའི་རིན་པ་(གལ་ཏེ་མཉེན་ཆས་མཐའ་སྣེ་རིན་པ་དང་། དྲ་བར་སྦྲེལ་བར་གཏོང་སྤྲོད་བྱས་པའི་དྲ་འཇུག་རིན་པ)ཀུན་ནི་སྤྱོད་མཁན་རང་ངོས་ནས་འཁུར་དགོས། དུས་མཚུངས་སྤྱོད་མཁན་ནས་མཉེན་ཆས་འདིའི་མགྲོན་སྣེ་དང་འབྲེལ་ཡོད་ཞབས་ཞུ་སྤྱོད་སྐབས་སྤྱོད་མཁན་གྱི་སྒྲིག་ཆས་དང་ཡངས་ལམ། བཞུར་ཚད་སོགས་ཀྱི་རྒྱུ་ཆ་ཟད་ངེས།

2. མཉེན་ཆས་དབང་ཚད་ཀྱི་ཁྱབ་ཁོངས།

2.1. ཞའོ་མཱི་ནས་མཉེན་ཆས་འདི་ལྟར་སྤྱོད་མཁན་ལ་སྒེར་གྱི། བོགས་གཡར་མི་ཆོག་པ། དབང་སྒྱུར་མི་ཆོག་པ། ཁེར་བཟུང་རང་བཞིན་གྱི་ཆོག་མཆན་ཞིག་སྤྲད་པ་ཡིན།

2.2. སྤྱོད་མཁན་ནས་ཚོང་གཉེར་དམིགས་ཡུལ་མིན་པའི་འོག་ཞའོ་མཱི་སྒྲིག་ཆས་སྣེ་ལ་མཉེན་ཆས་འདི་སྒྲིག་འཇུག བེད་སྤྱོད། མངོན་འཆར། འཁོར་སྐྱོད་བྱེད་ཆོགཡིན་ཡང་སྤྱོད་མཁན་ནས་ཚོང་གཉེར་དམིགས་ཡུལ་ངང་མཉེན་ཆས་འདི་སྒྲིག་འཇུག བེད་སྤྱོད། འཁོར་སྐྱོད་བྱེད་མི་ཆོག མཉེན་ཆས་འདིའམ་མཉེན་ཆས་འདི་འཁོར་སྐྱོད་བརྒྱུད་རིམ་ཁྲོད་མཐའ་སྣེའི་སྒྲིག་ཆས་གང་རུང་སྒྲིག་ཆས་ནང་གི་གཞི་གྲངས་དང་མཉེན་ཆས་འདི་འཁོར་སྐྱོད་བརྒྱུད་རིམ་ཁྲོད་མགྲོན་སྣེ་དང་ཞབས་ཞུ་ཆས་སྣེ་ཡི་འབྲེལ་ཚུགས་གཞི་གྲངས་བསྐྱར་སྐྲུན། བཟོ་བཅོས། འགྱུར་བཅོས། བཅད་སྦྲེལ་ཁོར་སྐྱོད་དམ་བརྩམས་ཆོས་འཕར་མ་རྩོམ་མི་ཆོག དེའི་རྣམ་པ་ནི་བར་གཞུག་བེད་སྤྱོད། ཕྱིར་སྣོན་ནམ་དབང་སྤྲོད་བརྒྱུད་མེད་པའི་ཕྱོགས་གསུམ་པའི་ལག་ཆ་/ཞབས་ཞུ་མཉེན་ཆས་འདི་ལ་མཐུད་པའི་འབྲེལ་ཡོད་བརྒྱུད་ཁོངས་སོགས་ཚུད་ཡོད། གལ་ཏེ་ཚོང་གཉེར་རང་བཞིན་གྱི་ཉོ་ཚོང་དང་བསྐྱར་སྐྲུན། བརྒྱུད་བསྐུར། དཔེར་ན་མཉེན་ཆས་སྔོན་སྒྲིག་དང་མཐུད་སྦྲེལ་སོགས་བྱེད་དགོས་ན། ཞའོ་མཱི་ཡི་ཤོག་ངོས་དབང་སྤྲོད་དང་ཆོག་མཆན་ངེས་པར་དུ་ཐོབ་དགོས།

2.3. སྤྱོད་མཁན་ནས་ཞའོ་མཱི་ཡི་ཆོག་མཆན་མེད་པར་མཉེན་ཆས་འདི་ཞའོ་མཱི་ནས་གསལ་བསྒྲགས་ཆོག་མཆན་ཐོབ་མེད་པའི་མཐའ་སྣེའི་སྒྲིག་ཆས་གཞན་སྟེང་སྒྲིག་འཇུག་བྱེད་མི་ཆོག

2.4. གྲོས་མཐུན་འདིར་དབང་ཚད་གསལ་པོར་སྤྲད་པ་ཕུད། ཞའོ་མཱིས་སྤྱོད་མཁན་ལ་དབང་ཆ་གཞན་སྤྲད་མེད། གལ་ཏེ་སྤྱོད་མཁན་ལ་བེད་སྤྱོད་དབང་ཆ་གཞན་མཁོ་ཚེ། ཞའོ་མཱིས་ཤོག་ངོས་མུས་མཐུན་ཐོབ་དགོས།

3. བརྒྱུད་ཁོངས་རིམ་སྤར།

3.1. སྤྱོད་མཁན་མྱོང་བ་ཡར་རྒྱས་དང་ཞབས་ཞུའི་ནང་དོན་འཐུས་ཚང་དུ་གཏོང་ཆེད། ཞའོ་མཱི་ནས་སྐབས་བསྟུན་ངང་སྤྱོད་མཁན་ལ་མཉེན་ཆས་འདི་བརྗེ་སྒྱུར། བཟོ་བཅོས། པར་གཞི་རིམ་སྤར་སོགས་འདོན་སྤྲོད་བྱེད་པའི་དབང་ཆ་ཡོད། མཉེན་ཆས་འདིས་སྤྱོད་མཁན་ལ་སོར་འཇོག་ངང་“རིམ་སྤར་དྲན་བསྐུལ”བྱེད་ནུས་ཁ་འབྱེད་ཡོད། སྤྱོད་མཁན་ནས་བེད་སྤྱོད་པའི་པར་གཞིའི་ཁྱད་པར་ལས། ཞའོ་མཱི་ཡིས་སྤྱོད་མཁན་ལ་བྱེད་ནུས་འདི་ཁ་འབྱེད་དགོས་མིན་འདེམ་པ་འདོན་སྤྲོད་བྱས་ཡོད། མཉེན་ཆས་པར་གཞི་གསར་པ་བཀྲམ་རྗེས་ཞའོ་མཱི་ནས་པར་གཞི་རྙིང་པའི་མཉེན་ཆས་མུ་མཐུད་སྤྱོད་ཆོག་མིན་ཁག་ཐེག་མེད།

4. སྤྱོད་མཁན་གྱི་ཐོ་ཨང་ཐོ་བགོད་དང་ཐོ་འཇུག

4.1. མཉེན་ཆས་འདིའི་ཞབས་ཞུ་སྤྱད་སྐབས་སྤྱོད་མཁན་གྱིས་ཞའོ་མཱིའི་ཐོ་ཨང་ཐོ་འགོད་བྱེད་དགོས་པ་དང་། ཐོ་འགོད་དང་བེད་སྤྱོད་བྱ་སྤྱོད་ནི་《ཞའོ་མཱིའི་ཐོ་ཨང་བེད་སྤྱོད་གྲོས་མཐུན་》ལྟར་སྲུང་བརྩི་ཞུ་དགོས།

5. བརྒྱུད་ཁོངས་མཉེན་ཆས་དང་ཞབས་ཞུ།

5.1. སྤྱོད་མཁན་ནས་བཤེར་ཆས། རོལ་དབྱངས། སྟབས་ཤོག སྒྲ་འཇུག་ཆས། ཕྱོགས་སྟོན་འཁོར་ལོ། སོ་སྔོན། བརྙན་ཤེལ་བརྙན་འཇུག ཡིག་ཆ་དོ་དམ། ཁ་པར། ཤོག་སེར་ཞབས་ཞུ། འབྲེལ་གཏུགས་པ། འཕྲིན་ཐུང་། ལོ་ཐོ། གནམ་གཤིས། དུས་ཅོང་། པར་མཛོད། པར་རྒྱག་སོགས་བརྒྱུད་ཁོངས་མཉེན་ཆས་དང་ཞབས་ཞུ་སྤྱོད་ཆོག མཉེན་ཆས་འགའ་དང་ཞབས་ཞུའི་རེའུ་མིག་ནི་ཟུར་འགོད་དང་པོར་གསལ།

5.2. བརྒྱུད་ཁོངས་མཉེན་ཆས་དང་ཞབས་ཞུ་ཁག་ཅིག་ལ་སྤྱོད་མཁན་གྱིས་གནས་ངེས་དང་སོ་སྔོན། གཞི་གྲངས་དྲ་བ་སོགས་ཁ་ཕྱེ་དགོས། བྱེད་ནུས་དེ་དག་བེད་སྤྱོད་བྱེད་དུས་སྤྱོད་མཁན་གྱིས་གནས་ངེས་དང་། སོ་སྔོན། གཞི་གྲངས་དྲ་བ་སོགས་བཀོལ་སྤྱོད་བྱེད་པའི་རྒྱབ་སྐྱོར་ཐོབ་པ་ཡིན།

5.3. བརྒྱུད་ཁོངས་མཉེན་ཆས་འགའ་འམ་ཞབས་ཞུ་ལ་ཁེར་རྐྱང་གི་སྤྱོད་མཁན་གྲོས་མཐུན་དང་ཞབས་ཞུའི་སྒྲིག་ལམ་སོགས་ཡོད། སྤྱོད་མཁན་ནས་མཉེན་ཆས་འདིའམ་ཞབས་ཞུ་ཁ་མ་འབྱེད་རང་ངོས་ནས་དེའི་གྲོས་མཐུན་ཀློག་ནས་མོས་མཐུན་བྱེད་དགོས།

5.4. ཞའོ་མཱི་ཡིས་དུས་ངེས་མེད་དུ་གློག་ཡིག་དང་། འཕྲིན་ཐུང་། pushསོགས་ཀྱི་རྣམ་པའི་ལམ་ནས། སྤྱོད་མཁན་ལ་བརྒྱ་བསྐྱེད་བརྡ་ཐོ་བསྐུར་སྲིད། གལ་སྲིད་སྤྱོད་མཁན་གྱིས་དང་ལེན་མ་བྱས་ཚེ། འབྲེལ་ཡོད་ཀྱི་ངོས་ནས་མངགས་ཉོ་ཕྱིར་སློག་དང་བརྡ་ཐོ་ཁ་བཀག་སྲིད།

5.5. ཞའོ་མཱི་ཡིས་ཁ་པར་དོ་དམ་པ་/ངོས་ལེབ་དོ་དམ་ཁྲོད་དུ་ཉེར་སྤྱོད་བདེ་འཇགས་ཚད་ལེན་གྱི་ཞབས་ཞུ་སྒྲིག་སྦྱོར་བྱས་ཡོད། སྤྱོད་མཁན་ལ་ཕྱོགས་གསུམ་པའི་ཉེན་ཁ་འགོག་ཆེད། ཉེར་སྤྱོད་བདེ་འཇགས་ཚད་ལེན་ཞབས་ཞུས་སྒྲིག་ཆས་སྟེང་གི་ཕབ་ལེན་དང་སྒྲིག་འཇུག་བྱས་པའི་ཉེར་སྤྱོད་ཀྱི་ཆ་འཕྲིན་དང་། བརྒྱུད་ཁོངས་ནང་ཉེར་སྤྱོད་ཕབ་ལེན་བྱ་སའི་དྲ་ཚིགས་བཅས་ལྟ་ཀློག་བྱེད།ཞའོ་མཱི་ཡིས་《ཞའོ་མཱི་གསར་སྤེལ་བྱུང་ཁམས་སྲིད་ཇུས》ལ་གཞིགས་ཏེ་བརྟག་དཔྱད་དང་ཞིབ་བཤེར་བྱེད།གལ་ཏེ་ཉེར་སྤྱོད་བདེ་འཇགས་ཞབས་ཞུས་ཉེར་སྤྱོད་འདིས་《ཞའོ་མཱི་གསར་སྤེལ་བྱུང་ཁམས་སྲིད་ཇུས》 དང་འགལ་བའི་བྱ་སྤྱོད་དེ། ཕབ་ལེན་དང་སྒྲིག་འཇུག་བྱས་པ་ཚུད་པའི་དེ་མིན་ཉེར་སྤྱོད་གང་ཞིག་གིས་སྤྱོད་མཁན་གྱི་སྒྲིག་ཆས། གཞི་གྲངས། གསང་དོན་ནམ་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པ་ཚད་ལེན་ཐུབ་ཚེ། ཞའོ་མཱི་ཡིས་ཉེར་སྤྱོད་འདི་སྒྲིག་འཇུག གསར་སྒྱུར། ཁ་ཕྱེ་བ་དང་བེད་སྤྱོད་བྱ་སྐབས་སྤྱོད་མཁན་ལ་བརྡ་ཐོ་བཏང་བ་དང་ཆབས་གཅིག སྤྱོད་མཁན་ལ་བདེ་འཇགས་དྲན་སྐུལ། མཛུབ་སྟོན་དང་གཏན་འཁེལ་གསལ་པོ་ཡོང་ཐུབ་པ་བྱེད།

6. བེད་སྤྱོད་ཚད་གཞི།

6.1. སྤྱོད་མཁན་ནས་ཁྲིམས་ལུགས་དང་གྲོས་མཐུན་འདིར་བརྩི་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོས་མཐུན་འདི་ལྟར་མཉེན་ཆས་འདི་དང་ཞབས་ཞུ་སྤྱོད་ཆོག སྤྱོད་མཁན་ནས་གཤམ་གྱི་བྱ་སྤྱོད་ཡོད་མི་ཉན།

6.1.1. མཉེན་ཆས་འདི་དང་འཕར་མ་སྟེང་གི་པར་གཞིའི་འབྲེལ་ཡོད་ཆ་འཕྲིན་སུབ། དེ་བཞིན་མཉེན་ཆས་འདིས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྒྲིག་འགོད་བྱས་པའི་ལགས་རྩལ་དག་བཟོ་བཅོས་དང་སུབ་པ།

6.1.2. མཉེན་ཆས་འདིར་ཕྱོགས་ལྡོག་ལས་རྩོལ་བྱས་པ། དཔེར་ན་རྩོམ་སྒྲིག རྩོམ་སྒྱུར་ལྡོག་གམ་མཉེན་ཆས་འདིའི་ཚབ་ཨང་ཁུངས་ཐོབ་ལེན་བྱེད་འདོད་པ།

6.1.3. མཉེན་ཆས་འཁོར་སྐྱོད་བྱེད་བཞིན་པའི་སྐབས་ཀྱི་བཀའ་རྒྱ། གཞི་གྲངས། ཁ་སྣོན། སུབ་པ། མཉེན་ཆས་ཀྱི་བྱེད་ནུས་འགྱུར་བ་ཡང་ན་འཁོར་སྐྱོད་ནུས་པ་འགྱུར་བ་སོགས། ཡང་ན་ཚོང་གཉེར་དམིགས་ཡུལ་ཡིན་མིན་ལ་མི་ལྟོས་པར། གོང་དུ་ཞུས་པ་དག་བྱེད་པའི་སྤྱོད་སྒོ་ལྡན་པའི་མཉེན་ཆས་གཞན་ལ་བསྐུར་བའམ་ཁྱབ་བསྒྲགས་བྱེད་པ།

6.1.4. མཉེན་ཆས་འདི་སྤྱོད་ནས་དྲ་རྒྱའི་བདེ་འཇགས་གནོད་པའི་བྱ་སྤྱོད་སྤྱི། དཔེར་ན་ཆོག་མཆན་ཐོབ་མེད་པའི་གཞི་གྲངས་སྤྱོད་པའམ་ཆོག་མཆན་ཐོབ་མེད་པའི་ཞབས་ཞུ་ཆས་/ཐོ་འགོད་ཨང་ལ་འཛུལ་བ། ཆོག་མཆན་མེད་པར་སྤྱི་སྤྱོད་དྲ་བའམ་གཞན་གྱིས་བཀོལ་བའི་བརྒྱུད་ཁོངས་ལ་འཛུལ་ནས་ཉར་ཚགས་ཆ་འཕྲིན་སུབ་པའམ། བཟོ་བཅོས། ཁ་སྣོན་བྱེད་པ། ཆོག་མཆན་མེད་པར་མཉེན་ཆས་འདིའི་བརགྱུད་ཁོངས་ལ་ཞིབ་དཔྱད། བཤེར་འབེབས། ཚོད་འཛིན་དང་། དྲ་རྒྱ་སྐྱོ་ས་ཚོད་འཛིན་དང་གཞན་དྲ་རྒྱའི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད། མཉེན་འཆས་འདིའི་བརྒྱུད་ཁོངས་སམ་དྲ་ཚིགས་ཀྱི་རྒྱུན་གཏན་འཁོར་སྐྱོད་ལ་ཐད་གཏོགས་དང་གཏོར་བ། ངན་སེམས་བྱ་རིམ་མམ་ནད་དུག་འགྲེམ་ནས་རྒྱུན་གཏན་དྲ་རྒྱའི་ཆ་འཕྲིན་ཞབས་ཞུ་ལ་གནོད་པའི་བྱ་སྤྱོད། TCP/IPགཞི་གྲངས་ཐུམ་གྱི་མིང་ངམ་ཆ་ཤས་རྫུན་བཟོའི་བྱ་སྤྱོད།

6.1.5. སྤྱོད་མཁན་ནས་ཞའོ་མཱི་མིན་པའི་ཀུང་སི་ནས་གསར་སྤེལ་དང་དབང་སྤྲོད་མོས་མཐུན་ཐོབ་པའི་ཕྱོགས་གསུམ་པའི་མཐུན་པའི་མཉེན་ཆས་བརྒྱུད་ཁོངས་བརྒྱུད་ནས་མཉེན་ཆས་འདིར་ཐོ་འཇུག་སྤྱོད་པ། གོང་གསལ་གྱི་ལག་ཆ་བཟོ་བ། འགྲེམ་པ། བརྒྱུད་བསྐུར་སོགས་བྱེད་པ།

6.1.6. ཞའོ་མཱི་ཡི་ཡིག་ཐོག་མོས་མཐུན་མེད་པར་སྤྱོད་མཁན་ནས་མོས་མཐུན་མེད་པར། སྤྱོད་མཁན་གྱིས་མཉེན་ཆས་ནང་གི་ཆ་འཕྲིན་ལ་རང་དགར་གཤམ་གསལ་བྱ་སྤྱོད་བྱེད་མི་ཆོག བེད་སྤྱོད། གཡར་བ། བོགས་གཡར། བསྐྱར་སྐྲུན། བཟོ་བཅོས། དྲ་ཚིགས་སྐྲུན་པ། བརྒྱུད་བསྐུར། རྩོམ་སྒྲིག འགྲེམ་སྤེལ། པར་སྐྲུན། མེ་ལོང་ཚེགས་གནས་སྐྲུན་པ། རང་དགར་མཉེན་ཆས་འདི་ལ་བརྟེན་ནས་ཐོན་རྫས་འཕར་མ། བརྩམས་ཆོས། ཞབས་ཞུ། བར་གཞུག ཕྱིར་འཇོག མཐུན་སྦྱོར། མཉམ་སྦྲེལ་སོགས་བྱས་མི་ཆོག

6.1.7. མཉེན་ཆས་འདི་སྤྱད་ནས་སྤྱོད་མཁན་གནས་ཡུལ་གྱི་ས་གནས་སམ་རྒྱལ་ཁབ་འདི་གའི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བའི་ནང་དོན་སྤེལ་བ་དང་། བསྐུར་བ། བརྒྱུད་སྤེལ། གསོག་འཇོག་སོགས་བྱས་པ།

6.1.8. མཉེན་ཆས་འདི་སྤྱོད་ནས་གཞན་གྱི་ཤེས་ཡོན་ཐོན་དབང་དང་། ཚོང་ལས་གསང་བ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་སོགས་ཀྱི་ནང་དོན་འགྲེམ་སྤེལ། བརྒྱུད་སྐྱེལ། བརྒྱུད་བསྐུར། གསོག་ཉར་སོགས་བྱེད་མི་ཆོག

6.1.9. མཉེན་ཆས་འདི་སྤྱོད་ནས་སྡེབ་གཅིག་ཏུ་བརྡ་ཁྱབ་ཆ་འཕྲིན་དང་གད་རྙིགས་ཆ་འཕྲིན་འགྲེམ་སྤེལ། བརྒྱུད་སྐྱེལ། བརྒྱུད་བསྐུར་སོགས་བྱེད་མི་ཆོག

6.1.10. གཞན་ཁྲིམས་འགལ་གྱི་ཐབས་ལམ་དང་ཁྲིམས་འགལ་དམིགས་ཡུལ། གྲོས་མཐུན་འདི་དང་མི་མཐུན་པའི་ཐབས་ལམ་ལྟར་མཉེན་ཆས་འདི་དང་ཞའོ་མཱི་ནས་འདོན་སྤྲོད་བྱས་པའི་ཞབས་ཞུ་གཞན་སྤྱོད་མི་ཆོག

6.2. ཆ་འཕྲིན་འགྲེམ་སྤེལ་ཚད་གཞི།

6.2.1. སྤྱོད་མཁན་ནས་མཉེན་ཆས་འདིས་འགྲེམ་པའི་ཆ་འཕྲིན་ནང་དོན་སྤྱོད་ན། སྤྱོད་མཁན་ལ་སྤྱོད་མཁན་ནས་ཡར་སྐྱེལ་བྱས་པའི་ཆ་འཕྲིན་གྱི་ཤེས་བྱའི་བདག་དབང་ངམ་ཁྲིམས་མཐུན་དབང་སྤྲོད་ཐོབ་པ་དང་། སྤྱོད་མཁན་ནས་མཉེན་ཆས་འདི་དང་ཞབས་ཞུ་སྤྱོད་པ་དེས་ཕྱོགས་གསུམ་པ་གང་རུང་གི་ཁེ་དབང་ལ་གནོད་མེད་པ་ཁས་ལེན་དགོས།

6.2.2. སྤྱོད་མཁན་ནས་མཉེན་ཆས་འདི་སྤྱོད་སྐབས་མཉེན་ཆས་འདི་སྤྱོད་ནས་གཤམ་གསལ་བྱ་སྤྱོད་སྤེལ་མི་ཆོག དེ་དག་དང་གཞན་ཡང་ཚུད་ཡོད།:

6.2.2.1. ས་གནས་འདི་གའི་རྒྱལ་ཁབ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བའི་ནང་དོན་བཟོ་བ་དང་། འདྲ་བཤུ། ཁྱབ་སྤེལ། བསྐུར་བ། གསོག་འཇོག་སོགས་བྱེད་པ།

6.2.2.2. མི་གཞན་གྱི་མིང་གྲགས་དབང་ཆ་དང་། འདྲ་པར་དབང་ཆ། ཤེས་བྱའི་ཐོན་དབང་། ཚོང་ལས་གསང་བ་སོགས་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བའི་གཏོང་བའི་ནང་དོན་སྤེལ་བ་དང་། བསྐུར་བ། བརྒྱུད་སྤེལ། གསོག་འཇོག་སོགས་བྱས་པ།

6.2.2.3. རྫུན་བཟོ་དང་། གནས་ཚུལ་ངོ་མ་སྦས་གསང་ལ་བརྟེན་ནས་མི་གཞན་དག་ལོག་ལམ་དུ་འཁྲིད་པ།

6.2.2.4. བརྡ་ཁྱབ་ཆ་འཕྲིན་དང་གད་རྙིགས་ཆ་འཕྲིན་འགྲེམ་སྤེལ། བརྒྱུད་བསྐུར། བརྒྱུད་སྐྱེལ་སོགས་བྱེད་པ།

6.2.2.5. ཁུལ་དེའི་ཁྲིམས་སྲོལ་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་གཞན་དག

6.2.3. ཞའོ་མཱི་ནས་ཆོག་མཆན་མ་སྤྲད་གོང་། སྤྱོད་མཁན་ནས་མཉེན་ཆས་ནང་བརྡ་ཁྱབ་དང་། ཚོང་གཉེར་སོགས་ཀྱི་ཚོང་ལས་བྱ་སྤྱོད་བྱེད་མི་ཆོག

6.3. སྤྱོད་མཁན་ནས་རྒྱུས་ལོན་བྱས་རྗེས་མོས་མཐུན་དགོས་པ།

6.3.1. ཞའོ་མཱི་ནས་སྤྱོད་མཁན་གྱིས་གོང་གསལ་གནད་དོན་དང་འགལ་མིན་ལ་གཏན་འཁེལ་བྱས་ནས། མཇུག་འབྲས་ལྟར་སྤྱོད་མཁན་འདིའི་བེད་སྤྱོད་ཆོག་མཆན་བར་མཚམས་འཇོག་པའམ་མཚམས་འཇོག་པ། ཡང་ན་གྲོས་མཐུན་འདི་ལྟར་བཀོལ་ཆོག་པའི་ཚོད་འཛིན་བཀོལ་སྤྱོད་ལ་བསྟར་བྱ་ངེས།

6.3.2. སྤྱོད་མཁན་ནས་ཆོག་མཆན་མཉེན་ཆས་སྤྱོད་སྐབས་འགྲེམ་སྤེལ་བྱས་པའི་ཁྲིམས་འགལ་ལ་དོགས་པ་དང་གཞན་གྱིས་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་གྲོས་མཐུན་འདིའི་ནང་དོན་དང་འགལ་བ་ཡོད་ན། ཞའོ་མཱི་ནས་ཐད་ཀར་སུབ་ངེས།

6.3.3. སྤྱོད་མཁན་ནས་གོང་གསལ་གྱི་བེད་སྐྱོབ་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་སྤེལ་ནས་ཕྱོགས་གསུམ་པར་གནོད་པ་བྱུང་བ་ནི། སྤྱོད་མཁན་ནས་སྒེར་གྱི་ཐོག་ནས་ཁྲིམས་ལུགས་ཀྱི་འགན་འཁྲི་འཁུར་དགོས་ལ། ཞའོ་མཱི་ནས་གནད་དོན་འདི་ལས་གྱོང་གུན་ཐོབ་པའམ་རིན་པ་འཕར་མ་སོགས་མི་བྱུང་བ་ཁག་ཐེག་བྱེད་དགོས།

6.3.4. གལ་ཏེ་སྤྱོད་མཁན་ནས་འབྲེལ་ཡོད་ཁྲིམས་ལུགས་གཏན་འབེབས་དང་ཞའོ་མཱི་གྲོས་མཐུན་ལས་འགལ་བའི་རྐྱེན་གྱིས། ཞའོ་མཱི་ལ་གྱོང་གུན་བྱུང་བ། ཕྱོགས་གསུམ་པས་གྱོབ་གསབ་ལེན་པ། སྲིད་འཛིན་དོ་དམ་ཚན་པའི་འབྲེལ་ཡོད་ཉེས་ཆད་ཐོབ་ན། སྤྱོད་མཁན་ནས་ཞའོ་མཱི་ལ་དེ་ལས་རྐྱེན་པས་བྱུང་བའི་གྱོང་གུན་དང་རིན་པ་སྤྲོད་དགོས། དེའི་ནང་འོས་འཚམས་ཀྱི་གྱོད་གཅོད་རིན་པ། ཞིབ་དཔྱད་དཔང་ལེན་རིན་པ་སོགས་ཚུད་ཡོད།

7. ཕྱོགས་གསུམ་པའི་རྩལ་ནུས/ཞབས་ཞུའི་གསལ་བཤད།

7.1. སྤྱོད་མཁན་ནས་རྒྱུས་ལོན་དང་མོས་མཐུན་བྱེད་དགོས་པར། མ་ལག་ནང་ཞའོ་མཱི་ཡི་མཉམ་སྦྲེལ་ཕྱོགས་སམ་ཕྱོགས་གསུམ་པ་འདོན་སྤྲོད་བྱས་པའི་ལག་རྩལ་ལམ་ཞབས་ཞུ་ཚུད་ཡོད་ངེས། ཞའོ་མཱི་ནས་སྤྱོད་མཁན་བཀོལ་སྤྱོད་སྟབས་བདེ་ཆེད་མ་ལག་ནས་འབྲེལ་ཡོད་དཔེ་ཁུལ་འདོན་སྤྲོད་བྱས་པ་ཡིན། ཕྱོགས་གསུམ་པའི་ལག་རྩལ་/ཞབས་ཞུ་ཡི་བེད་སྤྱོད་འཇུག་སྒོ་འདོན་སྤྲོད།

7.2. ཕྱོགས་གསུམ་པའི་ལག་རྩལ་ལམ་ཞབས་ཞུ་ནི་མ་ལག་ཞབས་ཞུའི་ནང་སྔོན་སྒྲིག་བྱས་པ་ཡིན་ནངའ། ཡང་ན་སྤྱོད་མཁན་རང་ངོས་ནས་ཁ་འབྱེད་པའམ་མངག་ཉོ་བྱས་པ་ཡིན་ན། སྤྱོད་མཁན་ནས་ཀུན་རྒྱུས་ལོན་ནས་མོ་མཐུན་བྱས་པ་ཡིན། ཞའོ་མཱི་ནས་ཕྱོགས་གསུམ་པའི་ལག་རྩལ་ལམ་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱི་ཁྲིམས་མཐུན་རང་བཞིན། ནུས་ལྡན་རང་བཞིན། དེ་བཞིན་ཕྱོགས་གསུམ་པའི་ལག་རྩལ/ཞབས་ཞུའི་ཁྲིམས་མཐུན་རང་བཞིན། ནུས་ལྡན་རང་བཞིན། བདེ་འཇགས་རང་བཞིན་ལ་གསལ་སྟོན་ནམ་སྦས་དོན་གྱི་གཏན་ཉར་དང་ཁག་ཐེག་བྱེད་མི་སྲིད།

7.3. ཞའོ་མཱི་ནས་ཕྱོགས་གསུམ་པའི་བྱེད་ནུས་/ཞབས་ཞུ་ལ་ཚོད་འཛིན་བྱེད་མི་སྲིད། དེ་ལ་ཚོད་འཛིན་དབང་གང་ཡང་མེད་ལ། ཕྱོགས་གསུམ་པའི་བྱེད་ནུས་ལ་རིགས་གང་རུང་གི་གཏན་མ་དང་ཁག་ཐེག་བྱེད་མི་སྲིད། འགན་འཁྲི་ཡང་གང་ཡང་ཁྱེར་མི་སྲིད།

8. གསང་དོན་སྲིད་ཇུས་དང་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་།

8.1. ཞའོ་མཱི་ཡིས་ཐོན་རྫས་འདིའི་གསང་དོན་སྲིད་ཇུས་ལ་གཞིགས་ནས་སྤྱོད་མཁན་གྱི་གསང་ལ་སྲུང་སྐྱོབ་བྱེད་དགོས། ཞིབ་ཕྲ་:https://privacy.mi.com/all/bo_CN/

9. ཆིངས་འགལ་འགན་འཁྲི།

9.1. ཞའོ་མཱི་ནས་སྤྱོད་མཁན་གྱི་བྱ་སྤྱོད་ནི་ཞབས་ཞུའི་གྲོས་མཐུན་འདིར་གཏན་འབེབས་བྱས་པའི་དབང་ཆ་དང་མཐུན་མིན་ལ་བརྟག་དཔྱད་བྱེད་པའི་དབང་ཆ་ཡོད། གལ་ཏེ་སྤྱོད་མཁན་ནས་ཁྲིམས་ལུགས་ཁྲིམས་སྲོལ་ལམ་གྲོས་མཐུན་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་བ་ཡིན་ན། སྤྱོད་མཁན་གྱི་བྱ་སྤྱོད་ནས་འགལ་བའི་ཚད་ལ་གཞིགས་ནས་ཞའོ་མཱི་ཡིས་སྤྱོད་མཁན་མི་བརྒྱུད་པར་སྒྲིག་འགལ་ཆ་འཕྲིན་སུབ་པའམ། ཚོད་འཛིན། སྤྱོད་མཁན་ནས་མཉེས་ཆས་འདི་བེད་སྤྱོད་བར་མཚམས་འཇོག་པ། མཚམས་འཇོག་བྱེད་པ། སྤྱོད་མཁན་གྱི་ཁྲིམས་ལུགས་ཀྱི་འགན་འཁྲི་གཞན་དག་བདའ་འདེད་བྱས་པ་དང་ཞའོ་མཱི་ནས་འོས་འཚམས་ཡིན་པར་སྙམ་པའི་ཐག་གཅོད་བྱེད་ཐབས་བཀོལ་བའི་དབང་ཆ་ཡོད། གལ་ཏེ་ཞའོ་མཱི་གྱོང་གུན་གང་རུང་ཞིག་བྱུང་ན(དེའི་ནང་ཕྱོགས་གསུམ་པའི་གྱོང་གསབ་དེད་པ་དང་སྲིད་འཛིན་དོ་དམ་ཚན་པའི་ཉེས་ཆད་ཚུད་ཡོད)སྤྱོད་མཁན་ནས་འགན་ཚང་མ་ཁྱེར་དགོས།

10. ཞབས་ཞུའི་ཉེན་ཁ་དང་འགན་མེད་གསལ་བསྒྲགས།

10.1. ཞའོ་མཱི་མིག་སྔའི་ལག་རྩལ་ནས་ལག་རྩལ་ཞབས་ཞུ་འདོན་སྤྲོད།ཞའོ་མཱི་ནས་མཉེན་ཆས་འདི་ཞབས་ཞུའི་སྐབས་བར་ཆད་མེད་པའམ་ནོར་འཁྲུལ་མེད་པ་ཁག་ཐེག་མེད། དེས་མཉེན་ཆས་འདིའི་ཞབས་ཞུའི་སྐྱོན་དག་བཅོས་ལ་ཁག་ཐེག་མེད་ལ། མཉེན་ཆས་འདིའི་ཞབས་ཞུས་སྤྱོད་མཁན་གྱི་རེ་འདུན་ཡོངས་སྐོང་ཐུབ་པའི་ཁག་ཐེག་མེད། དེ་ལས་ཐོན་པའི་མཇུག་འབྲས་ནི་ཞའོ་མཱི་ནས་འགན་ཁུར་མི་བྱེད།

10.2. སྤྱོད་མཁན་ནི་ཕྱོགས་གསུམ་པའི་འཕྲིན་གཏོང་སྐུད་ལམ་སྐྱོན་ཤོར་བའམ། ལག་རྩལ་གནད་དོན། དྲ་རྒྱ། གློག་ཀླད་མཐའ་སྣེའི་སྒྲིག་ཆས་ནོར་འཁྲུལ། བརྒྱུད་ཁོངས་བརྟན་ལྷིང་མིན་པ་དང་གཞན་འགོག་ཐབས་བྲལ་བའི་རྐྱེན་ངན་ལས་བྱུང་བའི་གྱོང་གུན་ནི། ཞའོ་མཱི་དང་མཉམ་ལས་ལས་ཚན་ནས་འགན་ཁུར་མི་སྲིད།

10.3. ཞའོ་མཱི་ནས་མཉེན་ཆས་དེ་བརྒྱུད་ནས་ཐོབ་པའི་ཆ་འཕྲིན་དང་ནང་དོན(འཐེན་པའི་ཕྱོགས་གསུམ་པའི་ནང་དོན་སོགས)གྱི་ཁྲིམས་མཐུན་རང་བཞིན། དྲང་བདེན་རང་བཞིན། ཡང་དག་རང་བཞིན། ནུས་ལྡན་རང་བཞིན་ལ་ལ་ཁག་ཐེག་མེད། ཞའོ་མཱི་ནས་སྤྱོད་མཁན་འདྲི་རྩད། ལྟ་བའི་བྱ་སྤྱོད་གང་རུང་ལས་ཐོན་པའི་མཇུག་འབྲས་ལ་འགན་ཁུར་མི་སྲིད།

10.4. མཉེན་ཆས་འདི་དང་དྲ་རྒྱའི་མཉེན་ཆས་གཞན་དང་འདྲ་བར། སྤྱོད་མཁན་གྱི་རྒྱུ་རྐྱེན་དང་། དྲ་རྒྱའི་ཞབས་ཞུའི་སྤུས་ཚད། སྤྱི་ཚོགས་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་ཤུགས་རྐྱེན་ཁྱད་པར་སོགས་དང་། བདེ་འཇགས་གནད་དོན་སྣ་ཚོགས་ཀྱིས་སུན་བཟོ། དཔེར་ན་གཞན་གྱིས་སྤྱོད་མཁན་གྱི་རྒྱུ་ཆ་སྤྱོད་ནས་དངོས་ཡོད་འཚོ་བའི་ནང་གི་སུན་བཟོ། སྤྱོད་མཁན་ནས་ཕབ་ལེན་སྒྲིག་འཇུག་བྱས་པའི་མཉེན་ཆས་གཞན་ནམ“ཁྲོར་ཡི་ཤིང་རྟ་ནད་དུག”ཡོད་པའི་དྲ་ཚིགས་གཞན་ལ་འཚམས་འདྲི་བྱས་ནས་སྤྱོད་མཁན་གྱི་མཐའ་སྣེའི་སྒྲིག་ཆས་ཆ་འཕྲིན་དང་གཞི་གྲངས་བདེ་འཇགས་ལ་སྐྱོན་རྒྱག་པ་དང་། མཉེན་ཆས་འདིའི་རྒྱུན་གཏན་བེད་སྤྱོད་ལ་སྐྱོན་བརྒྱབ་པ་སོགས། སྤྱོད་མཁན་ནས་ཆ་འཕྲིན་བདེ་འཇགས་དང་སྤྱོད་མཁན་གྱི་རྒྱུ་ཆའི་སྲུང་སྐྱོང་ལྟ་བ་ཤུགས་སྣོན་བྱེད་དགོས་པ་དང་། གྱོང་གུན་དང་སུན་བཟོ་མི་ཡོང་ཆེད། གསང་གྲངས་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་དགོས།

10.5. སྤྱོད་མཁན་ནས་ཕྱོགས་གསུམ་པའི་ཞབས་ཞུ་སྤྱོད་སྐབས་ཕྱོགས་གསུམ་པས་སྤྱོད་མཁན་གཞི་གྲངས་ལ་ཀློག་འདོན་བྱེད་སྲིད་ལ། ཞའོ་མཱི་ནས་ཕྱོགས་གསུམ་པའི་བརྒྱུད་ཁོངས་སམ་ཕྱོགས་གསུམ་པའི་མཉེན་ཆས་ནས་མཇུག་འབྲས་ཀྱི་བདེ་འཇགས་རང་བཞིན། ཡང་དག་རང་བཞིན། ནུས་ལྡན་རང་བཞིན་དང་གཞན་གཏན་འཁེལ་མེད་པའི་ཉེན་ཁ་མངོན་འགྱུར་བྱེད་པར་ཁག་ཐེག་མེད། སྤྱོད་མཁན་ནས་ཡིད་གཟབ་ངང་ཐག་བཅད་དགོས་ལ། དེ་ལས་ཐོན་པའི་གྱོད་དོན་དང་གྱོང་གུན་ཀུན་ནི་ཞའོ་མཱི་ནས་འགན་ཁུར་མི་སྲིད། སྤྱོད་མཁན་ནས་ཕྱོགས་གསུམ་པའི་ཞབས་ཞུ་སྤྱོད་སྐབས་ཕྱོགས་གསུམ་པས་སྤྱོད་མཁན་གཞི་གྲངས་ལ་ཀློག་འདོན་བྱེད་སྲིད་ལ། ཞའོ་མཱི་ནས་ཕྱོགས་གསུམ་པའི་བརྒྱུད་ཁོངས་སམ་ཕྱོགས་གསུམ་པའི་མཉེན་ཆས་ནས་མཇུག་འབྲས་ཀྱི་བདེ་འཇགས་རང་བཞིན། ཡང་དག་རང་བཞིན། ནུས་ལྡན་རང་བཞིན་དང་གཞན་གཏན་འཁེལ་མེད་པའི་ཉེན་ཁ་མངོན་འགྱུར་བྱེད་པར་ཁག་ཐེག་མེད། སྤྱོད་མཁན་ནས་ཡིད་གཟབ་ངང་ཐག་བཅད་དགོས་ལ། དེ་ལས་ཐོན་པའི་གྱོད་དོན་དང་གྱོང་གུན་ཀུན་ནི་ཞའོ་མཱི་ནས་འགན་ཁུར་མི་སྲིད།

10.6. ཞའོ་མཱི་དམིགས་སུ་བཀར་ནས་སྤྱོད་མཁན་ལ་ཡིད་འཇོག་གནང་རོགས་ཞུས་པ་དང་།་ཀུང་སིའི་ལས་སྒོ་གོང་དུ་སྤེལ་བ་དང་ལེགས་སྒྲིག་བྱེད་པའི་རང་བདག་དབང་ཆར་འགན་སྲུང་བྱེད་ཆེད།་ཁྲེ་ལ་ལུགས་མཐུན་གྱི་བྱེད་ཐབས་སྤྱད་དེ་སྤྱོད་མཁན་ལ་བརྡ་ཐོ་བཏང་རྗེས་མཉེན་ཆས་འདི་དང་འབྲེལ་ཡོད་ཞབས་ཞུ་ཡོངས་རྫོགས་སམ་ཆ་ཤས་དུས་ཐོག་ཏུ་བཟོ་བཅོས་རྒྱག་པའམ་མཚམས་འཇོག་པའི་དབང་ཆ་ཡོད་པ་དང་།་ཁྲེ་དེར་འགན་འཁྲི་གང་ཡང་འཁུར་མི་དགོས།

10.7. ཁྲིམས་ལུགས་ལ་གསལ་བར་བཀོད་པ་ཕུད། ཞའོ་མཱི་ནས་ནུས་ཤུགས་ཡོད་རྒུད་མཉེན་ཆས་དང་དེ་འབྲེལ་གྱི་ལག་རྩལ་དང་ཆ་འཕྲིན་བདེ་འཇགས། ནུས་ལྡན། ཡང་དག ཡིད་རྟོན་རུང་བར་ཁག་ཐེག་བྱ་ངེས། ཡིན་ཡང་ད་ལྟའི་ལག་རྩལ་གྱིས་ཚོད་འཛིན་བྱས་རྐྱེན། སྤྱོད་མཁན་ནས་ཞའོ་མཱི་ནས་དེར་ཁག་ཐེག་བྱེད་མི་ཐུབ་པར་བསམ་གཞིགས་བྱེད་ཐུབ།

10.8. སྤྱོད་མཁན་ནས་གཤམ་གསལ་གནད་དོན་གང་རུང་ལས་བྱུང་བའམ་དེ་དང་བྱུང་བའི་ལུས་པོའི་གནོད་འཚེ་དང་། འབྲེལ་ཡོད་དང་གཞན་བརྒྱུད་ཀྱི་་དཔལ་འབྱོར་གྱོང་གུན་སྒོར་གསབ་བྱུང་བ། ཁེ་བཟང་གྱོང་གུན། ལས་དོན་བར་ཆད་ལས་བྱུང་བའི་གྱོང་གསབ་བམ་ཚོང་ལས་གྱོང་གསབ་བམ་གྱོང་གུན་ནི་སྤྱོད་མཁན་རང་གིས་འགན་འཁུར་དགོས།:

(1)བེད་སྤྱོད་པའམ་བེད་སྤྱོད་མ་ཐུབ་པའི་ཆོག་མཆན་མཉེན་ཆས།

(2)ཕྱོགས་གསུམ་པ་ནས་ཆོག་མཆན་ཐོབ་མེད་པའི་བེད་སྤྱོད་མཉེན་ཆས་སམ་སྤྱོད་མཁན་གྱི་གཞི་གྲངས་འགྱུར་བ།

(3)སྤྱོད་མཁན་ནས་མཉེན་ཆས་སྤྱོད་ནས་བྱུང་བའི་བྱ་སྤྱོད་ལས་བྱུང་བའི་རིན་པ་དང་གྱོང་གུན།

(4)སྤྱོད་མཁན་གྱིས་མཉེན་ཆས་ལ་བྱུང་བའི་གོ་ནོར།

(5)ཞའོ་མཱི་ཡི་རྒྱུ་རྐྱེན་མིན་པ་ལས་བྱུང་བའི་མཉེན་ཆས་འབྲེལ་ཡོད་གྱོང་གུན།

10.9. སྤྱོད་མཁན་གྱིས་ཞའོ་མཱི་ཡིས་ཁྲིམས་འཛིན་དང་། ལྟ་སྐུལ་དོ་དམ་སྡེ་ཁག ལྟ་སྐུལ་ལས་ཁུངས་བཅས་ཀྱི་རེ་བ་ཇི་བཞིན། ཡང་ན་རང་ཉིད་ཀྱི་ལས་སྒོའི་རྒྱུན་རྐྱེན་གྱིས་སྤྱོད་མཁན་ལ་ཞབས་ཞུ་དང་འབྲེལ་ཡོད་མཉེན་ཆས་ཆ་ཚང་ངམ་ཆ་ཤས་གནས་སྐབས་མཚམས་འཇོག་དང་། རྒྱུན་བཅད་པའམ་ཡོངས་སུ་མཚམས་འཇོག་བྱ་རྒྱུར་མོས་མཐུན་ཡོད། གནད་དོན་འདིར་ཞའོ་མཱི་ཡིས་འགན་འཁྲི་གང་ཡང་འཁུར་མི་དགོས།

10.10. སྤྱོད་མཁན་ནས་ཞའོ་མཱི་ཡིས་ཚོང་ལས་སྟེང་གི་འོས་འཚམས་འབད་བརྩོན་བྱས་ནས་སྤྱོད་མཁན་ནི་མཉེན་ཆས་འདི་དང་ཞབས་ཞུའི་ནང་གི་གཞི་གྲངས་ཉར་ཚགས་བདེ་འཇགས་ཁག་ཐེག་བྱེད་པར་མོས་མཐུན་དང་བསམ་ཤེས་ཡོད། སྤྱོད་མཁན་ནས་ཤེས་རྟོགས་དགོས་པ་ཞིག་ལ། ཞའོ་མཱི་ནས་ཞབས་ཞུའི་ནང་གི་གཞི་གྲངས་སུབ་པའམ་ཉར་ཚགས་སམ་གྲབས་ཉར་བྱེད་མི་ཐུབ་པར་འགན་ཁྱེར་མི་སྲིད།

11. རིག་གནས་བདག་དབང་གི་གསལ་བསྒྲགས།

11.1. ཞའོ་མཱི་ནི་མཉེན་ཆས་འདིའི་ཤེས་བྱའི་ཐོན་དངོས་བདག་དབང་གི་ཁེ་དབང་འཛིན་མཁན་ཡིན། མཉེན་ཆས་འདིའི་རྩོམ་དབང་དང་། ཚོང་རྟགས་དབང་། ཆེད་ཁེའི་དབང་། ཚོང་ལས་གསང་བ་སོགས་ཤེས་བྱའི་བདག་དབང་ཀུན་དང་། མཉེན་ཆས་འདིའི་འབྲེལ་ཡོད་ཀྱི་ཆ་འཕྲིན་ནང་དོན་ཡོངས(ཡི་གེ་དང་། པར་རིས། སྒྲ་ཟློས། བརྙན་ཟློས། པར་རིས་རེའུ་མིག ཤོག་ངོས་འཆར་འགོད། པར་ངོས་སྒྲིག་གཞི། འབྲེལ་ཡོད་གཞི་གྲངས་སམ་གློག་རྡུལ་ཡིག་ཚགས་སོགས་ཚུད་ལ་དེས་མི་ཚད།)ཀུན་ནི་གནས་འདིའི་ཁྲིམས་སྲོལ་ཁྲིམས་ལུགས་དང་འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་གི་སྲུང་སྐྱོང་ཐོབ་ཡོད། ཞའོ་མཱི་ལ་གོང་ཞུས་ཀྱི་ཤེས་བྱའི་བདག་དབང་ལྡན་ཡོད།

11.2. ཞའོ་མཱི་ཡིག་ཤོག་ངོས་མིས་མཐུན་མེད་པར། སྤྱོད་མཁན་ནས་ཚོང་ལས་སམ་ཚོང་ལས་དམིགས་ཡུལ་ངང་རང་ངོས་སམ་ཕྱོགས་གསུམ་པར་གོང་གསལ་ཤེས་བྱའི་བདག་དབང་སྤྱོད་པ། བོགས་གཡར་སོགས་ཆོག་མཆན་སྤྲོད་མི་ཆོག ཞའོ་མཱི་ནས་གོང་གསལ་བྱ་སྤྱོད་ཀྱི་ཁྲིམས་ལུགས་འགན་འཁྲི་དེད་པའི་དབང་ཆ་ཉར་ཚགས་བྱས་ཡོད།

12. ན་ཚོད་མ་ལོན་པ་ཡིས་བེད་སྤྱོད་དོན་ཚན།

12.1. གལ་ཏེ་སྤྱོད་མཁན་ནི་ལོ་ན་18མ་སོན་པའི་ན་གཞོན་ཡིན་ན། ལྟ་སྐྱོང་མཁན་གྱི་ལྟ་སྐྱོང་དང་། མཛུབ་སྟོན། མོས་མཐུན་བཅས་ཀྱི་འོག་གྲོས་མཐུན་འདི་ཀློག་པ་དང་མཉེན་ཆས་འདིའི་འབྲེལ་ཡོད་ཞབས་ཞུ་སྤྱད་དགོས།

12.2. ན་གཞོན་སྤྱོད་མཁན་གྱི་དམིགས་བསལ་དྲན་བསྐུལ།:

12.2.1. ན་གཞོན་ནས་ཞབས་ཞུ་འདི་སྤྱོད་སྐབས་ལྟ་སྐྱོང་མཁན་གྱི་ལྟ་སྐྱོང་མཛུབ་སྟོན་འོག འོས་འཚམས་ཡང་དག་ངང་དྲ་རྒྱ་སྤྱོད་པར་སློབ་སྦྱོང་བྱེད་དགོས། དྲ་རྒྱའི་བར་སྟོང་ལ་དབྱིངས་མི་ཞུགས་པ་དང་དྲ་འཇུག་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་དགོས།

12.2.2. ན་གཞོན་སྤྱོད་མཁན་ནས་ངེས་པར་དུ《རྒྱལ་ཡོངས་ན་གཞོན་དྲ་རྒྱའི་ཚུལ་ལྡན་སྤྱི་ཆིངས》ལ་བརྩི་སྲུང་བྱེད་དགོས།:

(1)དྲ་འཇུག་སློབ་སྦྱོང་བྱེད་པ་ལས། ནང་དོན་ཐ་ཤལ་ལྟ་མི་འོས།

(2)དྲང་བདེན་བགྲོ་གླེང་བྱེད་པ་ལས། གཞན་སྨོད་རྫུན་ཤོད་བྱེད་མི་རུང་།

(3)རང་སྲུང་ལྟ་བ་ཤུགས་སྣོན་ལས། རང་དགར་དྲ་གྲོགས་འཕྲད་མི་རུང་།

(4)དྲ་རྒྱའི་བདེ་འཇགས་སྲུང་བ་ལས། དྲ་རྒྱའི་སྒྲིག་ལམ་བརླག་མི་ཉན།

(5)ལུས་སེམས་བདེ་ཐང་ཕན་པ་ལད། རྟོག་བཟོའི་བར་སྟོང་ལ་དབྱིངས་ཞུགས་མི་ཉན།

13. གྲོས་མཐུན་འཕོ་གྱུར།

13.1. འཕྲིན་སྦྲེལ་དྲ་བའི་འབྲེལ་ཡོད་ལག་རྩལ་དང་།་ཚོང་ར།་ལས་སྒོ་སྤེལ་སྟངས་སོགས་འཕེལ་རྒྱས་མགྱོགས་པོ་བྱུང་བར་གཞིགས་ནས་ཞའོ་མཱི་ལ་དུས་དང་རྣམ་པ་ཀུན་ཏུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགྱུར་ལྡོག་དང་།་འཕྲིན་སྦྲེལ་དྲ་བ་འཕེལ་རྒྱས།་དེ་བཞིན་ཀུང་སིའི་གཉེར་སྐྱོང་གནས་ཚུལ་དང་གཉེར་སྐྱོང་ཐབས་ཇུས་ལེགས་སྒྲིག་སོགས་ལ་གཞིགས་ནས་དུས་ངེས་མེད་དུ་གྲོས་མཐུན་འདི་གཏན་འབེབས་དང་བཟོ་བཅོས་རྒྱག་པའི་དབང་ཆ་ཡོད་པར་ཁྱེད་ཀྱིས་མོས་མཐུན་གནང་བ་རེད།གྲོས་མཐུན་འདིའི་དོན་ཚན་ལ་འགྱུར་ལྡོག་བྱུང་ཚེ་འབྲེལ་ཡོད་ཤོག་ངོས་ཐོག་བཟོ་བཅོས་བརྒྱབ་རྗེས་ཀྱི་གྲོས་མཐུན་དོན་ཚན་ཁྱབ་བསྒྲགས་བྱ་རྒྱུ་རེད།གལ་ཏེ་འགྱུར་བཅོས་བྱས་པའི་ནང་དོན་ལ་མོས་མཐུན་མེད་ན། སྤྱོད་མཁན་རང་ངོས་ནས་ཞབས་ཞུ་འདི་རྩིས་མེད་གཏོང་དགོས། གལ་ཏེ་སྤྱོད་མཁན་ནས་ཞབས་ཞུ་མུ་མཐུད་སྤྱོད་པ་ཡིན་ན། གྲོས་མཐུན་འདིའི་དོན་ཚན་གྱི་འགྱུར་བར་དང་ལེན་བྱས་པ་མཚོན།

13.2. ཞའོ་མཱི་ཡིས་དགོས་མཁོ་ལྟར་མཁོ་འདོན་བྱས་པའི་རིན་སྤྲོད་ཞབས་ཞུ་དང་། གོང་ཚད། རིན་སྤྲོད་ཐབས་ལམ། ཞབས་ཞུའི་རིན་པ། དེ་བཞིན་ཞབས་ཞུའི་དོན་ཚན་བཅས་ལ་བཟོ་བཅོས་བྱས་ཆོག་པའི་དབང་ཆ་ཡོད། ཞའོ་མཱི་ཡིས་ཞབས་ཞུ་མཁོ་འདོན་བྱེད་སྐབས། ད་ལྟའམ་མ་འོངས་པར་ཞབས་ཞུའི་ཆ་ཤས་འགའ་སྤྱོད་མཁན་ལ་རིན་པ་ངེས་ཅན་ཞིག་ལེན་སྲིད། གལ་ཏེ་སྤྱོད་མཁན་གྱིས་རིན་པ་སྤྲོད་རྒྱུར་དང་ལེན་མ་བྱས་ཚེ། རིན་པ་སྤྲོད་རྒྱུ་འགོ་བརྩམས་མ་ཐག་མུ་མཐུད་འབྲེལ་ཡོད་ཞབས་ཞུ་སྤྱད་མི་ཐུབ།

14. གོ་ཆོད་བཅའ་ཁྲིམས་དང་རྩོད་གཞི་ཐག་གཅོད།

14.1. གྲོས་མཐུན་འདིའི་ནུས་འབྲས་དང་འགྲེལ་བཤད་དབང་ཆ་ཀུན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐམ་སའི་ཁུལ་གྱི་ཁྲིམས་ལུགས་ལ་སྤྱད་འོས། གལ་ཏེ་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དོན་ཚན་མེད་ན། རྒྱལ་སྤྱིའི་ཚོང་ལས་རྒྱུལ་སྲོལ་ལམ་/ཚོང་ལས་རྒྱུན་སྲོལ་སྤྱད་ཆོག

14.2. གྲོས་མཐུན་འདི་འཇོག་ས་ནི་པེ་ཅིང་ཧའེ་ཏེན་ཁུལ་ཡིན།

14.3. སྤྱོད་མཁན་དང་ཞའོ་མཱི་ཀུན་ནས་གཅིག་འགྱུར་ངང་ཞབས་ཞུ་འདི་ལས་ཐོན་པའི་གྱོད་གཞི་ནི་ཕྱོགས་གཉིས་པོ་གྲོས་མཐུན་ཐག་གཅོད་བྱེད་དགོས་པ་དང་། གྲོས་མཐུན་མི་ཐུབ་ན་ཕྱོགས་གཉིས་པོ་གང་རུང་གིས་གྲོས་མཐུན་འཇོག་སར་དོ་དམ་དབང་ཡོད་པའི་ཁྲིམས་ཁང་ལ་ཞུ་གཏུག་ཐག་གཅོད་བྱེད་ཆོག་པར་མོས་མཐུན་ཡོད།

15. གཞན་དག

15.1. ཞའོ་མཱི་ནས་གློག་རྡུལ་ཡིག་སྒམ་མམ་འཕྲིན་ཐུང་ངམ་དྲ་ངོས་སྤྱི་བསྒྲགས་སམ་ཞའོ་མཱི་ནས་འོས་འཚམས་སུ་སྙམ་པའི་ཐབས་ལམ་བརྒྱུད་སྤྱོད་མཁན་ལ་བརྡ་ཐོ་གཏོང་ངེས། སྤྱོད་མཁན་ལ་ཞབས་ཞུའི་དོན་ཚན་བཟོ་བཅོས། ཞབས་ཞུ་འགྱུར་བ་འམ་གལ་ཆེའི་དོན་ཚན་གཞན་བརྡ་གཏོང་ངེས། ཞའོ་མཱི་ནས་གོང་གསལ་ཐབས་ལམ་གང་རུང་གཅིག་བརྒྱུད་ནས་སྤྱོད་མཁན་ལ་བརྡ་བཏང་རྗེས། སྤྱོད་མཁན་ནས་ཉིན་3ནང་ཤོག་ངོས་ཀྱི་བཀག་བྱོལ་མེད་ན། ཆ་འཕྲིན་གསར་པའི་ནང་དོན་དང་ལེན་བྱས་པ་མཚོན།

15.2. གྲོས་མཐུན་འདི་གསར་སྒྱུར་བྱེད་པའི་དུས་ཚོད་ནི་སྤྱི་ལོ་2021ལོའི་ཟླ་བ12པའི་3ཉིན་ཡིན།

15.3. གྲོས་མཐུན་འདིའི་དོན་ཚན་ཁ་བྱང་ཀུན་ནི་ཀློག་བདེ་བའི་ཆས་ཡིན་པ་ལས། རང་ངོས་ལ་དངོས་ཡོད་ནང་དོན་གང་ཡང་མེད་པས། གྲོས་མཐུན་འདིའི་ནང་དོན་ལ་རྩིས་ནས་འགྲེལ་བཤད་དཔང་རྟགས་བྱེད་མི་ཆོག

15.4. གྲོས་མཐུན་འདིའི་དོན་ཚན་ནི་རྒྱུ་རྐྱེན་གང་རུང་གིས་རྐྱེན་པས་ཆ་ཤས་ནུས་མེད་དམ་བཀོལ་མི་ཐུབ་པ་ཡིན་ན། དོན་ཚན་ལྷག་མ་ནི་ད་དུང་ནུས་ལྡན་ཡིན་ལ། ཕྱོགས་གཉིས་པོར་ཚོད་འཛིན་བྱེད།

ཟུར་བཀོད་དང་པོ།:བརྒྱུད་ཁོངས་ཉེར་སྤྱོད་ཆ་ཤས་སམ་ཞབས་ཞུའི་རེའུ་མིག(མཉེན་ཆས་ཞབས་ཞུ་ཡོངས་སམ་ཆ་ཤས་གང་ཚུད་མིན་ནི་སྤྱོད་མཁན་གྱི་འཕྲུལ་རིགས་ལ་རགས་ལས་ཡོད)

སྒྲིག་ཆས་བེད་སྤྱོད་གནང་ཡུལ་ལ་གཞིགས་ཏེ་ཡང་དག་པའི་རྒྱལ་ཁབ་འདེམས་དགོས། ས་གནས་འདི་གའི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་བླང་ཆ་ཇི་བཞིན། སྒྲིག་ཆས་དང་ཉེར་སྤྱོད་འགའ་ཞིག་ཁྱེད་ཀྱིས་བེད་སྤྱོད་གནང་ཡུལ་འདེམས་རྗེས་གཞི་ནས་སྣོན་འཇུག་བྱ་ཐུབ། གལ་ཏེ་ཁྱེད་ཀྱིས་སྒྲིག་ཆས་བེད་སྤྱོད་གནང་ཡུལ་འདེམས་ནོར་སོང་ཚེ་སྒྲིག་ཆས་རྒྱུན་ལྡན་ལྟར་བཀོལ་མི་ཐུབ་ཀྱང་སྲིད།

ཞབས་ཞུའི་མིང་། རྨང་གཞིའི་བྱེད་ནུས་ངོ་སྤྲོད།
བཤེར་ཆས། སྤྱོད་མཁན་དྲ་ངོས་ཀྱིས་ལྟ་བཤེར་བྱེད་ཐུབ་ལ། དུས་མཚུངས་སུ་རང་ངོས་སུ་ཡོད་པའི་འདྲི་རྩད་འོས་སྦྱོར་དང་། བརྙན་ཟློས་ཞབས་ཞུ་མཁོ་འདོན་བྱེད་སྲིད། བརྙན་ཟློས་ཞབས་ཞུ་ནི་ཞའོ་མཱི་ཡིས་ཁྲེན་ཏུའི་མཉམ་སྤྱོད་ཆ་འཕྲིན་བརྒྱུད་གཏོང་ཚད་ཡོད་ཀུང་སིར་མངགས་ཡོད།
དཔེ་ཀློག སྐུད་ཐོག་དཔེ་དེབ། རིས་དེབ། སྒྲ་ལྡན་དེབ་སོགས་ཀྱི་ནང་དོན་དང་རང་གནས་དཔེ་དེབ་དཔེ་ཀློག་བྱེད་ནུས།
རོལ་དབྱངས། སྐུད་ཐོག་རོལ་དབྱངས་ཞབས་ཞུ་འདོན་སྤྲོད་དང་། རང་གནས་རོལ་དབྱངས་གཏོང་བའི་བྱེད་ནུས།
གཙོ་དོན་རྩིག་ཤོག གཙོ་དོན་རྩིག་ཤོག་ནི་མ་ལག་ཁྱད་ཆོས་ལྡན་པའི་མཛེས་བཟོ་ཞབས་ཞུའི་ཉེར་སྤྱོད་ཅིག་ཡིན། སྤྱོད་མཁན་ལ་ཆེད་དུ་སྣང་མང་ཕུན་སུམ་ཚོགས་པའི་ཁྱད་ལྟན་གཙོ་དོན། རྩིག་ཤོག ཡིག་གཟུགས། དྲིལ་བརྡ་སོགས་མཁོ་འདོན་བྱེད།གཙོ་དོན་རྩིག་ཤོག་ནི་སྤྱོད་མཁན་རང་ལ་དབང་བའི་རང་གཤིས་ལྡན་པའི་ཞའོ་མཱི་སྒྲིག་ཆས་ཤིག་ཡོང་ཆེད་ཡིན།
ཉེར་སྤྱོད་ཚོང་ཁང་། ཉེར་སྤྱོད་ཚོང་ཁང་ནི་མ་ལག་གི་ཞའོ་མཱི་སྤྱོད་མཁན་ལ་བདེ་འཇགས་དང་། ཁྱོན་ཡོངས། ཆེད་ལས་བཅས་ཀྱི་Appཐོབ་སའི་ཡོང་ཁུངས་དེ་ཡིན། སྤྱོད་མཁན་ལ་Appའཚོལ་བཤེར་དང་། འོ་སྦྱོར། ཕབ་ལེན། གསར་སྒྱུར། སྒྲིག་འཇུག དོ་དམ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད།
བརྒྱུད་བསྐུར། ཞའོ་མཱི་འགྲེམ་སྐུར་(Mi Push)ནི་ཞའོ་མཱི་ཀུང་སིས་གསར་སྤེལ་བར་མཁོ་འདོན་བྱས་པའི་ཆ་འཕྲིན་འགྲེམ་སྐུར་ཞབས་ཞུ་ཞིག་ཡིན། སྤྲིན་སྣེ་དང་སྤྱོད་མཁན་སྣེ་མོ་ཕན་ཚུན་བརྟན་བརླིང་དང་ཡིན་རྟོན་རུང་བའི་འབྲེལ་མཐུད་བརྒྱུད་དེ། གསར་སྤེལ་བར་སྤྱོད་མཁན་ལ་དུས་ཐོག་ཏུ་ཆ་འཕྲིན་འགྲེལ་སྐུར་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་སྟེ། གསར་སྤེལ་བར་སྤྱོད་མཁན་དང་ཐད་འབྲེལ་གྱིས་Appལ་གསོན་ཤུགས་སྤྲོད།
ཁ་པར་དོ་དམ་པ།/ངོས་ལེབ་དོ་དམ་པ། ཁ་པར་དོ་དམ་པ།/ངོས་ལེབ་དོ་དམ་པ་ནི་མ་ལག་བདེ་འཇགས་ཞབས་ཞུའི་ལྟེ་བའི་ཉེར་སྤྱོད་ཡིན་ལ། དེའི་ཁྲོད་བདེ་འཇགས་ཞིབ་བཤེར་དང་། གད་སྙིགས་གཙང་སེལ། ནད་དུག་བརྟག་བཤེར། གསང་དོན་སྲུང་སྐྱོང་། རོལ་རྩེད་བར་སྟོང་། སྔོན་ཚུད་ཉེན་བརྡ། ཉེར་སྤྱོད་དོ་དམ་སོགས་ཚུད་ཡོད།དེ་དག་ནི་སྤྱོད་མཁན་ལ་སྒྲིག་ཆས་ཕྱོགས་ཡོངས་དང་བདེ་འཇགས་ཀྱི་དོ་དམ་ཞབས་ཞུ་མཁོ་འདོན་ཞུ་ཆེད་ཡིན།
མ་ལག་གསར་སྒྱུར། བརྒྱུད་ཁོངས་རིམ་སྤར་དང་། ROMཔར་གཞི་རིམ་སྤར།
ཞའོ་མཱི་ལག་རོགས། སྤྱོད་མཁན་recoveryའཕྲུལ་བསྐྱར་འཇུག གཞི་གྲངས་སླར་གསོ་གྲབས་ཉར། ཡིག་ཆ་དོ་དམ།
ཕབ་ལེན་དོ་དམ། ཕབ་ལེན་མྱུར་གཏོང་། ཕབ་ལེན་ལས་འགན་འགྲེམ་པ། Wi-Fiམྱུར་དཔྱད། ལས་འགན་གསར་སྐྲུན་བཅས་ཀྱི་ཞབས་ཞུ་འདོན་སྤྲོད།
ཟིན་ཐོ། ཞ་མཱི་ཟིན་བྲིས་ནི་མ་ལག་གིས་སྤྱོད་མཁན་ལ་མཁོ་འདོན་བྱས་པའི་ཐོ་འགོད་ལག་ཆ་ཞིག་ཡིན། དེའི་ནང་ཟིན་བྲིས་ཕལ་པ་དང་རིགས་ལམ་ཟིན་བྲིས་ཚུད་ཡོད། ཟིན་བྲིས་ཕལ་པ་ནང་ཡི་གེ་དང་། སྒྲ་ཕབ། རིས་བྲི། ཚོན་མདོག་སོགས་ཀྱི་བྱེད་ནུས་ལ་རྒྱབ་སྐྱོར་བྱེད། རིགས་ལམ་ཟིན་བྲིས་ནི་མདོར་བསྟན་དང་། བསམ་བློའི་པར་རིས་གཉིས་ཀྱི་རྣམ་པ་ནས་མངོན།ཞའོ་མཱི་ཟིན་བྲིས་ནང་དུ་ཐོ་འགོད་བྱས་པའི་ནང་དོན་རྣམས་སྤྲིན་མཉམ་འགྲོས་བྱ་རྒྱུར་རྒྱབ་སྐྱོར་བྱེད། ཞའོ་མཱི་ཟིན་བྲིས་ནི་སྤྱོད་མཁན་ལ་དེ་བས་སྟབས་བདེ་ཞིང་། ལས་ཆོད་ཆེ་བ། ཆེ་ལས་ནུས་པ་ལྡན་པ་བཅས་ཀྱི་ཐོ་འགོད་ལག་ཆ་མཁོ་འདོན་བྱ་ཆེད་ཡིན།
སྒྲ་ཕབ་འཕྲུལ་ཆས། སྒྲ་ཕབ། གཏོང་བ། དྲ་རྒྱ་གོམ་མཉམ་གྱི་བྱེད་ནུས་འདོན་སྤྲོད།
ཕྱོགས་སྟོན་འཁོར་ལོ། ཕྱོགས་སྟོན་འཁོར་ལོ་དང་། ཆུ་ཚད་འཇལ་ཆས་ཀྱི་བྱེད་ནུས་མཁོ་འདོན་བྱེད།
ཞའོ་ཨའེ་ཡི་མཐོང་སྣེ། ཨང་བཤེར། པར་རྒྱག་ལམ་ཉོ། སྒྲ་སྒྱུར། ཡིག་བཤེར་ཚགས་སྒྲིག་གི་དངོས་སྤྱོད་རང་བཞིན་གྱི་ལག་ཆ་འདོན་སྤྲོད།
སོ་སྔོན། སོ་སྔོན་སྦྲེལ་མཐུད། ཡིག་ཆ་བརྒྱུད་འདྲེན། སྒྲ་ཟློས་གཏོང་བ སྐད་བརྡའི་ཁ་པར། ཟས་དམའི་སོ་སྔོན་སྒྲིག་ཆས་སྦྲེལ་མཐུད་སོགས་རྨང་གཞིའི་སོ་སྔོན་བྱེད་ནུས་མཁོ་འདོན། དེ་མིན་སོ་སྔོན་གྱིས་སྒོ་ཕྱེ་བ་དང་། སོ་སྔོན་ཐག་ཉེ་གསར་རྙེད། སོ་སྔོན་སྒྲིག་ཆས་མགྱོགས་མྱུར་ཆ་སྒྲིག་སྦྲེལ་མཐུད་སོགས་ཀྱི་རྒྱ་བསྐྱེད་བྱེད་ནུས་མཁོ་འདོན་བྱེད།
ཚོད་འཛིན་ཡོ་ཆས། ཀུན་ནུས་རྒྱང་འཛིན་གྱིས་ཉེ་འགྲམ་ཁྱིམ་སྤྱོད་གློག་ཆས་སྟབས་བདེ་མོས་ཚོད་འཛིན་བྱ་ཐུབ། དམར་ཕྱིའི་འོད་རྒྱང་སྦྲེལ་སྒྲིག་ཆས། བརྙན་འཕྲིན། དྲོད་སྙོམ་ཆས། འཕྲུལ་རྩེའི་སྒམ། རླུང་འཁོར་སོགས་ཀྱི་སྒྲིག་ཆས། དེ་བཞིན་Wi-Fiབརྒྱུད་ཞའི་མཱི་བརྙན་འཕྲིན་ཚོད་འཛིན་བྱེད་ཐུབ་།
བརྙན་ཤེལ་ཁ་བརྒྱབ་བརྙན་པར། སྒོ་བརྒྱབ་འཆར་ངོས་ཀྱི་པ་རིས་ནི་མ་ལག་གིས་རིག་ལྡན་ངང་རྩིག་ཤོག་འོས་སྦྱོར་བྱ་བའི་ཞབས་ཞུ་ཞིག་སྟེ། དེའི་ནང་ཡུལ་ལྗོངས་དང་། བར་བཅུག་རི་མོ། སྒྱུ་རྩལ། གྲགས་ཅན་མི་སྣ། འགུལ་རིས། ཡིད་འོང་གཅེས་རྟེན་སོགས་སྣང་མང་ཕུན་སུམ་ཚོགས་པའི་རྩིག་ཤོག་རྩེ་གྲ་ཚུད་ཡོད་ཅིང་། སྤྱོད་མཁན་གྱིས་དགའ་ཕྱོགས་ལ་གཞིགས་ནས་རང་འགུལ་ངང་བརྗེ་ཐུབ། སྒོ་བརྒྱབ་འཆར་ངོས་ཀྱི་པར་རིས་ནི་ཞའོ་མཱི་སྒྲིག་ཆས་ག་དུས་ཁ་ཕྱེ་བའི་སྐབས་ཚང་མར་མཇེས་སྡུག་གི་ངོ་མཚར་ཞིག་སྦྱིན་ཐུབ་ཆེད་ཡིན།
བརྙན་ཤེལ་བརྙན་འཇུག བརྙན་ཤེལ་བརྙན་འཇུག་དང་བརྙན་ཤེལ་རྩོམ་སྒྲིག་དང་སྐྱེལ་བའི་ཞབས་ཞུ་འདོན་སྤྲོད།
རྩིས་ཆས། རྩིས་རྒྱག་དཀྱུས་མ། སྒེར་ཁྲལ་དང་ཁང་བུན་རྩིས་རྒྱག
ཞའོ་མཱི་བརྗེ་སྤོས། ཞོའོ་མཱི་བརྗེ་སྤོས་ནི་གཞི་གྲངས་སྤོ་བརྗེའི་Appགསར་ཤོས་དེ་ཡིན་ཞིང་། ཨན་ཀྲའོ་(བཟོ་གྲྭ་གཞན་ཡང་ཚུད)དང་iOSསྒྲིག་ཆས་སྟེང་གི་གཞི་གྲངས་ཞའོ་མཱི་སྒྲིག་ཆས་སྟེང་དུ་སྤོ་རྒྱུར་རྒྱབ་སྐྱོར་དང་། སྤྱོད་མཁན་གྱིས་གང་མགྱོགས་ཞའོ་མཱི་ཁ་པར་གསར་པ་བེད་སྤྱོད་གཏོང་རྒྱུར་རོགས་རམ་བྱེད།
ཡིག་ཆ་དོ་དམ། ཡིག་ཆ་ཁ་སྣོན་འགྱུར་འཚོལ་བྱེད་ནུས་མཁོ་འདོན་བྱེད། རྒྱང་སྦྲེལ་ཡིག་ཆ་དོ་དམ་བྱེད་ནུས་(དྲ་སྦྲེལ་བྱེད་དགོས)
བརྒྱུད་སྐྱེལ་སྒོ། བརྒྱུད་སྐྱེལ་སྒོ་མོ་ཞེས་པ་ནི་མ་ལག་གིས་གསར་གཏོད་བྱས་པའི་AIརིག་ལྡན་ཞབས་ཞུ་ཞིག་ཡིན།འཆར་ངོས་སྟེང་གི་ཡི་གེ་དང་པར་རིས་གང་རུང་ཞིག་ཡུན་རིང་མནན་ཚེ། བརྒྱུད་ཁོངས་ཀྱི་དབྱེ་འབྱེད་བྱེད་ནུས་རང་འགུལ་ངང་ཁ་ཕྱེ་ཐུབ། མིག་སྔའི་འཆར་ངོས་སྟེང་ཡི་གེ་བཅད་བཏུབ་དང་། དབྱེ་འབྱེད། འཚོལ་བཤེར། བསྐྱར་བཤུས། ལོ་ཙཱ་སོགས་ཀྱི་ཞབས་ཞུ་སྤྱད་ཐུབ།
ཁ་པར། རྨང་གཞིའི་འཕྲིན་གཏོང་། གཞི་གྲངས་དྲ་འཇུག SIMཁཱ་དོ་དམ་བྱེད་ནུས་སོགས་མཁོ་འདོན་བྱེད།
ཤོག་སེར་ཞབས་ཞུ། ཁ་པར་འདྲི་རྩད་དང་རྟགས་བཀོད་ཞབས་ཞུ་འདོན་སྤྲོད།
འབྲེལ་གཏུགས་མི་སྣ། འབྲེལ་གཏུགས་པའི་ཆ་འཕྲིན་དོ་དམ།
འཕྲིན་ཐུང་། འཕྲིན་ཐུང་གིས་མ་ལག་གིས་ཆ་འཕྲིན་སྐུར་ལེན་གྱི་ཞབས་ཞུ་མཁོ་འདོན་བྱེད། འཕྲིན་ཐུང་དང་། ཚོན་འཕྲིན། དྲ་རྒྱའི་འཕྲིན་ཐུང་སྐུར་ལེན། རིག་ལྡན་དབྱེ་འབྱེད་དང་དོ་དམ་བཅས་ལ་རྒྱབ་སྐྱོར་བྱེད།
ལོ་ཐོ། ཉིན་ཐོ་ནི་ཚེས་གྲངས། ཉིན་འཆར/སྐྱེས་སྐར/དྲན་གསོའི་ཉིན་མོ/དུས་ལྡོག་རྩིས་དོ་དམ། དེ་དཞིན་ཞབས་ཞུ་མངག་པ་/འཚོ་བའི་དྲན་སྐུལ་སོགས་ལ་སྤྱོད་པ་ཡིན།(དྲ་སྦྲེལ་བྱེད་དགོས)
གནམ་གཤིས། གནམ་གཤིས་ནི་ས་ཁམས་ཁུལ་ནི་རྨང་གཞིའི་རྩིས་གཞིར་དམིགས་ནས། འབྲེལ་ཡོད་ས་ཁངས་ཁུལ་གྱི་གནམ་གཤིས་ཆ་འཕྲིན་ཐོབ་ལེན་བྱེད་པའི་མཉེན་ཆས་ཡིན།
དུས་ཅོང་། དུས་ཅོང་ནི་དུས་ཚོད་ལྟ་བ་དང་། སྒྲ་སྒྲག་ཆུ་ཚོད་དྲན་བསྐུལ། དུས་རྩིས་ལ་སྤྱོད་པ་ཡིན། ད་དུང་འཚོ་བའི་ཞོགས་པའི་ཚགས་པར་དང་འཛར་སྒྲ་དཀར་པོའི་དུས་རྩིས་འདོན་སྤྲོད་བྱེད(དྲ་སྦྲེལ་བྱེད་དགོས)
རིག་ནུས་ལས་རོགས། ཅོག་ངོས་གཡོན་དུ་འཐེན་ཚེ་རིག་ནུས་དང་ལས་ཕྱོད་མཐོ་བའི་འཚོ་བའི་ཞབས་ཞུའི་ལས་རོགས་བེད་སྤྱོད་བྱེད་ཐུབ། རིག་ནུས་ལས་རོགས་ཀྱིས་ལས་ཕྱོད་མཐོ་བའི་བྱ་ཐབས་མཁོ་འདོན་བྱས་ནས། ཁྱེད་ལ་གོ་རིམ་གཅིག་གིས་འཚོ་བའི་རྒྱུན་སྤྱོད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ། དུས་མཚུངས་སུ། དཔེ་ཚུལ་རིག་ནུས་ཀྱིས་ཁྱེད་ཀྱིས་བསམ་པར་བསམ་གཞིག་བྱེད་ཐུབ་ལ། མིག་སྔའི་རྣམ་པ་དང་ཁོར་ཡུག་ལ་གཞིགས་ནས། རིག་ནུས་ཀྱིས་ཕུན་སུམ་ཚོགས་པའི་རྣམ་པ་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས། མིག་སྔའི་གནད་འགག་ཆེ་བའི་ཆ་འཕྲིན་ཚང་མ་ཐེངས་དང་པོར་ཁྱེད་ཀྱི་མདུན་དུ་གསལ་བར་བྱེད་ཐུབ།
ཕྱོགས་ཡོངས་བཤེར་འཚོལ། ཁུལ་ཡོངས་བཤེར་འཚོལ་ནས་སྤྱོད་མཁན་གྱི་རང་གནས་སྒྲིག་ཆས་དང་། མ་ལག་ནང་ངོས་ཀྱི་བཤེར་འཚོལ་རེ་འདུན་སྐོང་ཐུབ་ལ། སྤྱོད་མཁན་གྱི་སྐུད་ཐོག་ནང་དོན། དྲ་ངོས་མཇུག་འབྲས་ཀྱི་བཤེར་འཚོལ་རེ་འདུན་ཡང་སྐོང་ཐུབ།
པར་དེབ། པར་རིས/བརྙན་ཟློས་སྔོན་ལྟ། བཤེར་འཚོལ། རིམ་སྒྲིག རྩོམ་སྒྲིག མཉམ་སྤྱོད། པར་རིས/བརྙན་ཟློས་སྤྲིན་གོམ་མཉམ། AIརིགས་དབྱེ། བཤེར་འཚོལ། གདོང་པ་རིགས་བསྡུས།
པར་ཆས། སྤྱོད་མཁན་ལ་སྲ་ཆས་ནུས་པ་དང་མཉེན་ཆས་རྩིས་རྒྱག་མཉམ་སྦྲེལ་གྱི་པར་རྒྱག་དཔེ་ཚུལ་དང་བརྙན་འཇུག་བྱེད་ནུས་སྣ་ཚོགས་འདོན་སྤྲོད།
སྒྲིག་འགོད། བརྒྱུད་ཁོངས་བྱེད་ནུས་ཀྱི་སྒྲིག་འགོད་དང་འབྲེལ་ཡོད་བྱེད་ནུས་མཁོ་འདོན་བྱེད།
ཞབས་ཞུ་དང་བསམ་འཆར། མ་ལག་བྱེད་ནུས་ངོ་སྤྲོད་དང་བསམ་འཆར་འདོན་སྐབས་འཕྲད་པའི་གནད་དོན། བཙོང་རྗེས་ཀྱི་ཞབས་ཞུ་སོགས་ཀྱི་བྱེད་ནུས་མཁོ་འདོན་བྱེད་ཐུབ།
པར་འདེབས། སྒུལ་བདེའི་སྒྲིག་ཆས་ཀྱིས་ལྕགས་པར་འཕྲུལ་ཆས་ལ་སྦྲེལ་བའི་ཞབས་ཞུ་དང་། པར་རིས་དང་ཡིག་ཆ་ལྕགས་པར་གྱི་བྱེད་ནུས་མཁོ་འདོན་བྱེད་ཐུབ།
ཞའོ་མཱི་ཡིག་ཚགས་ལྟ་ཆས། བརྒྱུད་ཁོངས་རིམ་པའི་ལས་ཕྱོད་མཐོ་བའི་ཡིག་ཚགས་ཀྱིས་ལྟ་བཤེར་ཡོ་ཆས། རྣམ་གཞག་མང་བའི་ཡིག་ཆ་ལ་བཟོ་བའི་བྱེད་ནུས་མཁོ་འདོན་བྱེད་པ།
ཞའོ་མཱི་བརྒྱུད་བསྐུར། སྤྱི་སྟེགས་དང་ཚོང་རྟགས་བརྒལ་བའི་ཡིག་ཆའི་བརྒྱུད་བསྐུར་ལག་ཆ། དུས་ཐོག་ཏུ་ཉེ་འཁོར་གྱི་སྒྲིག་ཆས་བཤེར་འབེབས་དང་། མཐེབ་གཅིག་གིས་ཡིག་ཆ་སྣ་ཚོགས་བསྐུར་བ།
བརྙན་པར་སྟོན་པ། མཐེབ་གཅིག་གིས་སྒྲིག་ཆས་འཆར་ངོས་ནང་དོན་བརྙན་འཕྲིན་དང་། བརྙན་སྟོན་ཆས་སོགས་སྒྲིག་ཆས་སུ་སྟོན་ནས། སྒེའུ་ཆུང་གི་བརྙན་པར་དང་། གསང་དོན་སྲུང་སྐྱོབ། འཆར་ངོས་ངལ་གསོའི་བརྙན་སྟོན་སོགས་སེམས་ཚ་འཁོལ་བའི་ཞབས་ཞུ་མཁོ་འདོན་བྱེད།
ཞའོ་མཱི་བདེ་ཐང་། སྤྱོད་མཁན་ལ་བདེ་ཐང་གི་བྱ་ཐབས་དང་། བདེ་ཐང་གི་གནས་ཚུལ་ཟིན་ཐོ་འགོད་པ་མཁོ་འདོན་དང་། བདེ་འཇགས་བསམ་འཆར་གྱི་ཞབས་ཞུ་མཁོ་འདོན་བྱེད།
མདོག་ནག་དཔེ་ཚུལ། མ་ལག་མངོན་འཆར་ཉམས་འགྱུར་ཞིག་སྟེ། ཁ་ཕྱེ་རྗེས་བརྒྱུད་ཁོངས་ཀྱི་ཉེར་སྤྱོད་དང་ཕྱོགས་གསུམ་པའི་ཉེར་སྤྱོད་འགའ་མདོག་ནག་ཉམས་འགྱུར་དུ་མངོན་ཐུབ། དེ་བས་མིག་སྲུང་དང་། གློག་རྫས་གྲོན་ཆུང་། ཁྱད་ཆོས་མངོན་པར་གསལ་ཐུབ།
འཆར་ངོས་མཉམ་འགྲོས་ཞབས་ཞུ། ཞའོ་མཱི་སྒྲིག་ཆས་དང་གློག་ཀླད་བར་གྱི་མཉམ་ཞས་ཞབས་ཞུ་མཁོ་འདོན་བྱེད། དེའི་ནང་སྒྲིག་ཆས་རྙན་སྟོན། བརྡ་ཐོ། དྲས་སྦྱར་པང་བཅས་ཀྱི་མཉམ་འགྲོས་དང་། བཤེར་ཆས་དང་ཉེར་སྤྱོད་མཐུད་སྦྲེལ་སོགས་ཀྱི་བྱེད་ནུས་མཁོ་འདོན་བྱེད།
ནང་དོན་ལྟེ་གནས། ནང་དོན་ལྟེ་གནས་ཡོངས་ཁུངས་མང་པོ་གཅིག་ཏུ་བསྡུས་པའི་ནང་དོན་དང་ཞབས་ཞུའི་སྟེགས་བུ་ཞིག་ཡིན། སྤྱོད་མཁན་གྱིས་སྟེགས་བུ་འདིའི་ས་ཚིགས་གཅིག་གི་རྣམ་པ་བརྒྱུད་དེ་པར་རིས་དང་བརྙན་ཟློས་ལྟ་ཀློག་སོགས་ནང་དོན་སྣ་མང་ལྡན་པའི་ཞབས་ཞུ་སྤྱད་ཆོག་ཅིང་། ཉིན་རེའི་གནད་ཚུལ་ཚ་ཤོས་ཀྱི་ཆེད་དོན་དང་སྤྱོད་མཁན་གྱིས་སྤྲོ་བ་ཡོད་པའི་ནང་དོན་མཚམས་སྦྱོར་བྱེད།
ཞའོ་ཨའེ་ཁ་པར་གཏོང་ལེན། ཞའོ་ཨའེ་ཁ་པར་གཏོང་ལེན། AIཁ་པར་རང་འགུལ་གྱིས་ལེན་པ། ལེན་རྒྱུ་ཆད་པ་དང་། སུན་འགོག་བྱེད་ཐུབ་ཅིང་། སྤྱོད་མཁན་གྱིས་ཐད་ཀར་སྒྲ་ལྡན་ཁ་པར་ལེན་རྒྱུར་སྟབས་མི་བདེ་བའི་ཚེ། ཡི་གེ་སྤྱད་ནས་ཁ་པར་ལེན་ཆོག
གློག་རྡུལ་འཕྲིན་ཡིག སྟབས་བདེ་བའི་སྦྲག་ཡིག་སྤྱོད་མཁན་སྣེ་མོ་དང་། ལས་ཆོད་ཆེ་བའི་སྦྲག་ཡིག་དོ་དམ་པ།སྟེགས་བུ་མི་འདྲ་བའི་ཡིག་སྒམ་གྱི་སྦྲག་ཡིག་སྐུར་ལེན་བྱེད་པ་དང་། ཐོ་ཨང་མི་འདྲ་བར་དྲན་སྐུལ་སྒྲིག་འགོད་བསད་སྤར་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད། དུས་མཚུངས་སུ་སྦྲག་ཡིག་དོ་དམ་བྱེད་ནུས་སྣ་མང་ཕུན་སུམ་ཚོགས་པ་མཁོ་འདོན་ཞུའོ། །
ཞའོ་ཨའེ་ལོ་ཙཱ། མ་ལག་རིམ་པའི་ཡིག་སྒྱུར་ཡོ་བྱད་ནང་ཡི་གེ་དང་སྐད་གདངས་ཡིག་སྒྱུར་དང་མགྲིན་གཅིག་ཏུ་ཡིག་སྒྱུར།་བརྙན་ཤེལ་ཡིག་སྒྱུར།་པར་ལེན་ཡིག་སྒྱུར།་དུས་ཐོག་ཡིག་བརྙན་བཅས་ཀྱི་ནུས་པ་ཚུད་ཡོད་པ་དང་།་ཁྲེ་རང་ཞིབ་འཕྲུལ་འཁོར་ཡིག་སྒྱུར་ལག་རྩལ་དང་ཟུང་འབྲེལ་བྱས་ནས་རྣམ་པ་མང་བའི་རིག་ནུས་ཡིག་སྒྱུར་ཉམས་ལེན་མཁོ་འདོན་བྱ་དགོས།
རེའུ་མིག་འདིར་བཀོད་པའི་ནང་དོན་དཔྱད་གཞི་ཁོ་ནར་མཁོ་འདོན་བྱས་པ་དང་།་ཁྲེ་བཀོལ་སྤྱོད་མ་ལག་གིས་དོན་དངོས་ཐོག་རྒྱབ་སྐྱོར་བྱེད་པའི་མཉེན་ཆས་དང་ཞབས་ཞུ་ནི་སྒྲིག་ཆས་མིག་སྔའི་མཉེན་ཆས་པར་གཞི་མཁོ་འདོན་བྱེད་པའི་ནང་དོན་ཚད་གཞིར་འཛིན་དགོས།